首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 本县新闻
亚洲星光娱乐官网 召开2019年度党的建设暨组织宣传政法统战群团工作会议
来源:    时间:2019年03月25日    

ཟླ་3པའི་ཚེས་21ཉིན།  རྫ་སྟོད་རྫོང་གིས་2019ལོའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར་བཅས་ལས་ཁུངས་དང་མང་ཚོགས་ཚོགས་པའི་བྱ་བའི་ཚོགས་འདུ་བསྡུས་པ་དང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུ་དང་རྫོང་ཏང་ཨུའི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་ལ་སྐུལ་སློང་བྱས་ནས།  སེམས་ཤུགས་གཅིག་སྒྲིལ་དང་དངོས་དོན་དམ་འཛིན་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐོད་བརྒལ་འཕེལ་རྒྱས་གཏོང་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་། 

  321,亚洲星光娱乐官网 召开2019年度党的建设暨组织宣传政法统战群团工作会议,深入贯彻落实中央、省委、州委、县委系列会议精神,动员各级党组织和广大党员干部,凝心聚力、真抓实干,奋力推动全县经济社会跨越赶超发展。

  受县委书记才旦周委托,县委副书记才公主持会议并讲话。县委常委、统战部长扎西朋措,县委常委、组织部长任喜春,县委常委、宣传部长拉毛措出席会议并回顾了去年的工作,安排部署了今年的任务。

ཚེ་མགོན་གྱིས་གཏམ་བཤད་ཁྲོད་བསྟན་དོན།  འདས་པའི་ལོ་གཅིག་ནང་རྫོང་ཡོངས་ཀྱི་རྩ་་འཛུགས་ང་དྲིལ་སྒྲོག  འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཁྲིམས་བཅས་ལས་ཁུངས་དང་མང་ཚོགས་ཚོགས་པའི་ལས་ཁུངས་ཀྱིས་དཀྱིལ་སྙིང་ལ་འབྲེལ་ཞིང་སྤྱི་ཕྱོགས་ལ་ཞབས་འདེགས། རང་ཉིད་ཀྱི་ལས་གནས་སུ་རྐང་ཚུགས་ཤིང་གསར་སྐྲུན་མདུན་སྐྱོད་ཐད་ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱེད་པར་ཕྱིའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པ་དང་རྫ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་བ། གང་མགྱོགས་སྒོས་རིག་གནས་སྐྱེ་ཁམས་དང་འཆམ་མཐུན་མཛེས་སྡུག  བདེ་སྐྱིད་ལྡན་པའི་རྫ་སྟོད་གསར་བ་ཞིག་སྐྲུན་པར་ཤུགས་དྲགས་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ད་ལྟ་ངས་རྫོང་ཏང་ཨུའི་ཚབ་བྱས་ཏེ་རྫོང་ཡོངས་ཀྱི་ཏང་དོན་དང་དྲིལ་སྒྲོག  སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། ལས་ཁུངས་དང་མང་ཚོགས་ཚོགས་པའི་ལས་བྱེད་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་བཀྲ་ཤིས་འཚམས་འདྲི་ཞུས་པ་ཡིན། 

   才公在讲话中指出,过去一年,全县组织、宣传、统战、政法和群团各部门围绕中心、服务大局,立足本职、开拓创新,做了大量卓有成效的工作,为确保脱贫攻坚工作有序开展创造了良好外部环境,为推动杂多经济社会高质量发展作出了新的积极贡献,为加快建设文化生态和谐美丽幸福新杂多提供了坚强政治保障。在此,我代表县委,向全县党务、宣传、政法、统战、群团工作者表示衷心地感谢和诚挚地问候!

ཚེ་མགོན་གྱིས་ནན་གྱིས་བསྟན་དོན།  ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་བཅུ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་བཅུ་འཁོར་བའི་ལོ་ཡིན་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབས་བྱེད་པར་རྒྱལ་ཁ་ལེན་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་ལ། ལོ་གསར་བའི་ནང་གི་རྩ་འཛུགས་དང་དྲིལ་སྒྲོག  འཐབ་ཕྱོགས་གཅིག་གྱུར་དང་སྲིད་ཁྲིམས་བཅས་ལས་ཁུངས་དང་མང་ཚོགས་ཚོགས་པའི་བྱ་བ་སྣ་སོ་སོ་ལེགས་པོར་སྒྲུབ་དགོས་ཚེ་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བྱ་བའི་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུ་དང་རྫོང་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། བརྩེ་བ་དང་མི་སེམས་གླེང་ཞིང་ཕན་འབྲས་དང་ཁག་ཁུར་གླེང་དགོས་ལ། གསར་སྐྲུན་མདུན་སྐྱོད་དང་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་པར་བསྟན་ལ།  ཁོང་གིས་རྩ་འཛུགས་བྱ་བའི་ཁྲོད་ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་བ་དེ་གོ་གནས་ཐོག་མར་བཞག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་ཡི་ཏང་འཛུགས་རྣམ་པ་ཟབ་སྤེལ་བཏང་ནས་ཏང་གི་འཛུགས་སྐྲུན་བྱ་བ་སྣ་སོ་སོར་ཞིབ་ཚགས་སྒོས་ཤུགས་བསྣན་ནས་རྫ་སྟོད་ཀྱི་ལས་དོན་འཕེལ་རྒྱས་ཐད་སྟོབས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།  དྲིལ་སྒྲོག་བྱ་བའི་ཁྲོད་དུས་རབས་ཀྱི་འཕེལ་ཕྱོགས་གཅིག་བསྡུས་སྒོས་དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློ་བྱ་བའི་འགན་འཁྲི་དང་བླང་བྱ་ལ་གདེངས་ཚོད་ཡང་དག་ལོན་པར་བྱས་ཏེ། གླེང་ཕྱོགས་ནུས་སྟོབས་ཆེན་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཇེ་དྲགས་སུ་གཏོང་བའི་རྣམ་པ་སྐྲུན་ནས་སྨྱན་བྱེད་མཉམ་བསྲེས་འཕེལ་རྒྱས་ལ་གང་མགྱོགས་སྒོས་སྐུལ་འདེད་དང་དཔལ་ཡོན་གསར་སྐྲུན་བྱ་བ་ཟབ་སྤེལ་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་དང་རྫ་སྟོད་ཀྱི་ཕྱོགས་ལྔ་གང་མགྱོགས་སྒོས་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་དབུལ་ཐར་བྱེད་པར་ཁོར་ཡུག་ལེགས་པོ་སྐྲུན་པ། མཁྲེགས་གཏོར་གྱི་སྡུས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས།  སྲིད་ཁྲིམས་བྱ་བའི་ཁྲོད་བརྟན་འཇགས་སྲུང་སྐྱོབ་བྱ་བ་གཙོ་བོར་འཛིན་དགོས་ཤིང་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱས་ཏེ། ནག་སེལ་ངན་འཇོམས་ལ་སྐུལ་འདེད་དང་བོད་ཁུལ་བཅོས་སྐྱོང་བྱེད་པར་ཡུལ་ཤུལ་གྱི་ཉམས་མྱོང་ལག་བསྟར་བྱས་ཏེ་ལག་ལེན་དངོས་ཀྱི་ཉམས་མྱོང་བརྒྱུད་ནས་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་སྤྱི་བསྡོམས་ཐད་ནས་རྫ་སྟོད་ཀྱི་ཐབས་ལམ་བེད་སྤྱོད་བཏང་ནས། འཆམ་མཐུན་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་པོ་སྐྲུན་དགོས།འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྲོད་ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་གཅིག་བསྡུས་སྒོས་སྣེ་ཁྲིད་པའི་རྩ་དོན་ལ་ཤུགས་བསྣན་ནས་དུས་རབས་གསར་བའི་ལས་འགན་གསར་བར་གདེངས་ཚོད་ཡོད་པར་བྱེད་དགོས་ཤིང་།  དཀའ་ཁག་ཁྱད་དུ་སེལ་ནས་བྱས་རྗེས་མངོན་སྟོན་བྱེད་དགོས་ལ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཞུང་ལུགས་གསར་སྐྲུན་དང་སྒྲིག་ཁོངས་གསར་སྐྲུན། ལག་ལེན་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་ཆེས་ལེགས་པའི་ཆ་དེ་རྙེད་དགོས།  ལས་ཁུངས་དང་མང་ཚོགས་ཚོགས་པའི་བྱ་བའི་ཁྲོད་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ནས་ཏང་ཨུའི་དཀྱིལ་སྙིང་བྱ་བ་ཁ་ཕྱོགས་གང་ཞིག་ལ་སྐུལ་འདེད་བཏང་ཚེ་ལས་ཁུངས་དང་མང་ཚོགས་ཚོགས་པའི་བྱ་བའང་ཁ་ཕྱོགས་དེར་བསྙེགས་ཐུབ་དགོས་ལ་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལེགས་ཆ་ནུས་པ་གནས་དེར་འདོན་དགོས།  ཚེ་མགོན་གྱིས་ད་རུང་རྫོང་ཏང་ཨུ་སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་ཐད་ནས་བྱེ་བྲག་གི་བླང་བྱ་སྣ་བཅུ་བཏོན། 

  才公强调,今年是新中国成立70周年,青海解放70周年,是全面建成小康社会的决胜之年。做好新一年的组织、宣传、统战、政法和群团各项工作,必须毫不动摇地紧密团结在以习近平同志为核心的党中央周围,坚持以习近平新时代中国特色社会主义思想为指导,深入贯彻落实中央和省委、州委、县委的决策部署,讲情怀、讲用心、讲效率、讲担当,开拓创新,奋发作为。他要求,组织工作要把党的政治建设摆在首位,推进全面从严治党,深化1+4”党建模式,扎扎实实加强党的建设各项工作,为杂多事业发展提供坚强有力保证。宣传工作要聚焦时代旋律,准确把握新时期宣传思想工作的职责要求,构建增强发展信心的舆论强势,加快推进媒体融合发展,深化文明创建,为推进“一优两高”,加快“五个杂多”建设和全面脱贫摘帽营造良好氛围、凝聚攻坚合力。政法工作要聚焦维护稳定,防范化解风险隐患,纵深推进“扫黑除恶”,深化藏区治理“玉树经验”,推进实践“枫桥经验”,总结提炼社会治理“杂多路径”,打造和协稳定的发展环境。统战工作要紧扣加强党对统一战线工作的集中统一领导这个根本,着力把握新时代新使命,破解难题,展现作为,推动统战工作理论创新、机制创新、实践创新,找到最大公约数,画好最大同心圆。群团部门要提高政治站位,服务中心大局,做到党委中心工作推进到哪里,群团工作就跟进到哪里,群团组织的优势作用就发挥到哪里。才公还就全面学习贯彻县委十六届四次全会精神和这次会议精神提出了十条具体要求。 

རྫོང་ཏང་ཨུའི་པུའུ་ཨུ་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་འབྲེལ་ཡོད་འགན་ཁུར་བ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྩ་འཛུགས་ཨུ་ཡོན་དང་ཁྲིམས་འཛིན་ཁང་གི་མགོ་གཙོ། མངགས་གཏོང་ཁང་གི་མགོ་གཙོ། དེ་མིན་འབྲེལ་ཡོད་བྱ་བའི་ལས་བགོས་ཡུལ་གཙོ་གཞོན་པ་སོགས་ཚོགས་འདུར་ཞུགས། 

  县委各部委、县直各机关单位有关负责人;各乡镇党委书记(乡镇长)、副书记,组织委员、司法所长、派出所长,有关工作分管副乡长等参加了会议。



 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网