首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 本县新闻
记身边的旗帜|千里湿地,当曲河记住了他
来源:    时间:2019年02月25日    

མུ་མཐའ་མི་མངོན་པའི་བརླན་ས་དང་དཀར་ལམ་ལམ་གྱི་གངས་ཐང་།  ཁ་བ་འབབ་ཐེངས་འགའི་མནར་གཅོད་མྱངས་རྗེས་ཀྱི་འདམ་ཆུ་ལྷང་འཇགས་གེར་བཞུར་བཞིན་ཡོད་ཅིང་ཉི་འོད་ཀྱི་འོག་ཏུ་བརླན་སར་དཀར་ལམ་ལམ་དུ་འོད་འཚེར་བཞིན་ཡོད། ཡིན་ཡང་ཁོར་མཚོན་ན་བརླན་ས་འདི་དང་གནས་དེའི་འབྲོག་དམངས་ལ་བཅིབས་པའི་བརྩེ་བར་རྫོགས་མཐའ་མེད་ཅིང་འགྱུར་བ་མེད་ལ། སྐབས་དེར་ཁོང་རང་ཁྲ་འདམ་བརླན་སའི་གངས་ཐང་གི་ཆེས་མཛེས་པའི་ཡུལ་ལྗོངས་ཞིག་ཅི་ལ་མིན། 

  茫茫千里湿地,皑皑万里雪原。几场风雪肆虐过后的当曲河静静地流淌着,湿地在雪后的阳光里闪闪发光。但勒格才仁对这片湿地和牧民的爱,芳香无尽,他的身影在狂风暴雪之中,成为一道最美的风景。

རྫ་སྟོད་རྫོང་ཁོངས་སུ་ཐེངས་མང་པོར་ཁེངས་ཆེན་བབས་ཤིང་འབབ་ཐེངས་རེ་རེའི་འབབ་ཡུན་རིང་བ་མ་ཟད་ཁྱབ་རྒྱ་ཆེ་ཞིང་འབབ་ཚད་ཆེ་སྟབས། ལུ་གུ་ཚེ་རིང་གིས་ཁ་བ་འབབ་ཐེངས་རེ་རེས་ཁྲ་འདམ་ཡུལ་ཚོའི་མི་དམངས་ལ་དཀའ་ཁག་ཆེན་པོ་བཟོ་བར་སེམས་ཁུར་བྱེད་བཞིན་ཡོད། ཡིན་ཡང་ཏག་ཏག་བར་སྐབས་དེར་ཁོའི་ཆུང་མས་བྱིས་པ་སྐྱེས་རན་ལ་ཐོན་ཡོད་སྟབས་ཕྱིར་ལོག་ནས་བདེ་བླག་ངང་བྱིས་པ་སྐྱེས་རག་བར་དུ་ཆུང་མར་འདུག་རོགས་མི་བྱེད་ཀ་མེད་བྱུང་། སྐབས་དེར་ཡང་ཁོས་ལས་གྲོགས་དང་མང་ཚོགས་ཀྱིས་ཁངས་འགོག་རྒུད་སྐྱོབ་ཀྱི་བྱ་བར་ཧུར་ཐག་བྱེད་པའི་རྣམ་པ་ཡིད་ལ་ཤར་དུས་མཚན་གང་བོར་གཉིད་མ་ཁུག  ཆུང་མའི་ལུས་སྟོབས་རིམ་གྱིས་ཅུང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁོས་ཆུང་མར་སེམས་གསོའི་ཁ་ཏ་ཙམ་བྱས་རྗེས་མྱུར་དུ་ཁྲ་འདམ་གྱི་ལམ་ལ་ཆས་པ་དང་། ལམ་ཁར་བཀྲ་ཤིས་ཚེ་དབང་ལ་ཁ་པར་ཐེངས་མང་བཏང་ནས་ཁངས་སྐྱོན་གྱི་གནས་ཚུལ་དྲིས་པ་མ་ཟད་ཁོ་ཚོས་དུས་ཐོག་གི་གནས་ཚུལ་ལ་ལྟ་ཞིབ་ཚོད་འཛིན་དང་གནས་ཚུལ་མི་འདྲ་བ་ཡོད་དུས་དུས་ཐོག་ཏུ་ཁ་པར་ནས་འབྲེལ་གཏུགས་བྱེད་དགོས་པའི་རེ་བ་བཏོན། 

ཁངས་ཆེན་ལྷབ་ལྷུབ་དུ་འབབ་ཅིང་དཔྱིད་ཀྱི་འཁྱག་རླུང་གང་སར་ལྡིང་ཡོང་།  ཁོས་ཟླ་ཁ་མ་གང་བའི་བྱིས་པ་དང་ལུས་སྟོབས་ཞན་པའི་ཆུང་མར་བཅིངས་བའི་ནོངས་འགྱོད་དང་བཅས་ཐད་ཀར་དུ་གནོད་ཐེབས་ཡུལ་དངོས་སུ་བསྐྱོད་པ་དང་། ཡུལ་ཚོའི་ལས་བྱེད་ཀའོ་ལིན་ཀྲི་དང་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་མགོ་གཙོ་གཞོན་པ་འཕྲིན་ལས་དབང་གྲགས། སྡེ་བ་དང་མཁར་སྡེའི་ལས་བྱེད་དང་དམངས་དམག  འཕྲོད་བསྟེན་སྨན་བཅོས་རུ་ཁག་བཅས་ཀྱི་སྣེ་ཁྲིད་ནས་གནོད་ཐེབས་ཡུལ་དངོས་སུ་ཕྱིན་སྟེ་ཁངས་འགོག་རྒུད་སྐྱོབ་ཀྱི་བྱ་བར་བཀོད་འདོམས་བྱས། སྐབས་དེར་ཁྲ་འདམ་ཡུལ་ཚོའི་ཞིང་སྡེའི་གཞུང་ལམ་ཡོད་ཚད་ཁངས་ཀྱིས་ཆད་ཡོད་ཅིང་རི་སྐྱེས་སྲོག་ཆགས་དང་ཕྱུགས་ཟོག་གི་ཤི་རོ་གང་སར་མཐོང་རྒྱུ་ཡོད་ཅིང་། སྣང་བརྙན་དེ་དག་གིས་ཁོར་གདུང་སེམས་དྲགས་པོ་བསྐྱེད་ཅིང་བྱ་བའི་སེམས་ཤུགས་ཀྱང་བསྩལ་ཡོང་། 

  当我县境内发生大范围降雪天气以后。此时,查旦乡党委副书记、乡长勒格才仁的爱人即将临盆,他陪伴爱人顺利分娩,想到其他同事和老百姓正在顽强地与雪灾做斗争,他整夜辗转反侧、夜不能寐。在爱人身体状况稍稍好转后,安抚好爱人的情绪,便即刻回到了查旦,回查旦路途中,他不停的打电话询问雪灾情况,要求他们及时动态监控雪灾。大雪飞扬,他带着对未满月的宝宝和虚弱的妻子深深的愧疚,第一时间直奔灾区,带领乡干部、村社干部、民兵、卫生医疗队,深入一线指挥抗雪救灾工作。此时的查旦全乡范围内所有乡村级道路几乎全部被大雪封闭,他眼前的这些殇景无不让他为之动容。


གནོད་ཐེབས་མང་ཚོགས་ཀྱིས་ཡུལ་གཙོ་ལུ་གུ་ཚེ་རིང་གནོད་ཐེབས་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བར་ཞུགས་པར་ཡོང་བ་མཐོང་རྗེས་ངུ་ཞོར་དུ་ཁོར་སྡུག་བསྔལ་བགྲང་ཡོང་། སྐབས་དེའི་རྣམ་པས་ཁོར་མགྲིན་པ་བསྣང་ཞིང་མིག་ཆུ་བཞུར། ཁུལ་ཏང་ཨུ་དང་སྲིད་གཞུང་། རྫོང་ཏང་ཨུ་དང་སྲིད་གཞུང་། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་རྒྱབ་སྐྱོར་ཆེན་པོའི་འོག་ཁོས་རང་གི་སེམས་ཁམས་ལ་བསྙོམས་སྒྲིག་ཐེངས་ཤིག་བྱས་རྗེས་གནོད་ཐེབས་མང་ཚོགས་ལ་སྡུག་མྱང་དུ་མི་འཇུག་པ་དང་ནུས་པ་ཡོད་ཚད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུད་ཀྱི་ཚད་གཞི་ཚད་ངེས་ཅན་གྱིས་ཇེ་དམའ་རུ་གཏོང་རྒྱུའི་སེམས་ཐག་བཅད། ཁོས་དུས་ནམ་ཡང་མི་སྣའི་བདེ་འཇགས་དང་རོགས་སྐྱོབ་དངོས་རྫས་ཀྱི་འདོན་སྤྲོད།  འགྲིམ་འགྲུལ་གཞུང་ལམ་མི་ཁག་པར་འགན་སྲུང་བྱེད་པའི་བྱ་བའི་ཁ་ཕྱོགས་ལྟར་དུ་མང་ཚོགས་ལ་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ་གནོད་འགོག་རྒུད་སྐྱོབ་ཀྱི་གནད་སའི་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས་ལ། ཧུར་ཐག་སྒོས་ཡུལ་ཚོ་དང་སྡེ་བའི་ཏང་ཡོན་དང་མང་ཚོགས། དམངས་དམག་དང་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་པ། ན་གཞོན་འཕྲལ་རྒོལ་རུ་ཁག་སོགས་ལ་རྩ་འཛུགས་བྱས་ཏེ་ཁངས་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་སོ་སོའི་ཁྲོད་ཧུར་ཐག་སྒོས་ཞུགས།

  当受灾的群众见到乡长勒格才仁赶赴救援,哭着向他诉苦。此情此景,让他几度哽咽,铮铮汉子禁不住潸然泪下。他下定决心,作为一名党员,作为一方土地的父母官,要尽最大的努力保障老百姓的生命安全、减少牧民群众的经济损失。他始终以“保人员安全、物资供应、道路通畅”的工作指南,组织带领群众参与抗灾救灾工作,站在抗灾救灾的最前线、第一线。积极组织乡村社党员和群众、民兵、生态管护员、青年突击队等开展抗雪救灾各项工作。

ཁོང་དང་ལས་སྒྲུབ་རུ་ཁག་གིས་ཐེངས་རེ་རེར་ཙག་རླུང་སོགས་རང་བྱུང་གི་དཀའ་ཁག་གང་མང་ལ་གདོང་གཏད་ནས་ལུས་འགན་ཁུར་དུ་བླངས་བ་དང་།  ལོ་སར་གནམ་གང་གི་དགོང་མོར་ཡང་སྔར་བཞིན་ཆ་རྐྱེན་ཞན་སའི་ཁྲ་འདམ་བརྙན་ས་རུ་ཁངས་འགོག་རྒུད་སྐྱོབ་དང་འགྲིམ་འགྲུལ་གཞུང་ལམ་གྱི་དཀའ་ཁག་སེལ་བའི་ལས་ལ་བྲེལ་བཞིན་ཡོད།  སྐབས་དེ་དག་ལ་རོགས་སྐྱོབ་དངོས་རྫས་སྐྱེལ་བ་དང་དཀའ་ཁག་མང་ཚོགས་ལ་འཚམས་འདྲིར་བསྐྱོད་པ།ནད་པ་ཚབས་ཆེན་རིགས་སྨན་ཁང་དུ་སྐྱེལ་བ།  ཕྱུགས་ཟོག་གི་གཟན་རྩྭ་བགོ་བཤའ་རྒྱག་པ་སོགས་ཀྱི་ལས་གང་མང་ལ་གཞོལ་བཞིན་ཡོད་པ་མ་ཟད་ཉིན་རེ་རེར་གང་མགྱོགས་སྒོས་ཁྲ་འདམ་གྱི་ཁངས་སྐྱོན་གནས་ཚུལ་ཡར་ཞུ་བྱེད་དགོས།  ཁོས་རྫོང་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར་དུ་དངོས་ཐོག་བདེན་འཚོལ་གྱི་བྱ་བའི་རྣམ་འགྱུར་འོག་དུས་ཚོད་དམ་འཛིན་སྒོས་རྒུད་སྐྱོབ་བྱ་བའི་འཕེལ་རིམ་བརྩོན་ལེན་བྱས་པ་དང་།  ཁོ་དང་ལས་སྒྲུབ་རུ་ཁག་གིས་དུས་ཡུན་ཟླ་ཕྱེད་ཙམ་གྱི་རྒུད་སྐྱོབ་བྱ་བའི་ལས་མགོ་བརྩམས་པ་དང་། ཉེ་ཆར་ཁྲ་འདམ་ཡུལ་ཚོའི་ཞིང་སྡེའི་འགྲིམ་འགྲུལ་གཞུང་ལམ་གྱི་བཀག་རྐྱེན་ཕལ་ཆེར་ཡོངས་སུ་སེལ་ཡོད་པ་དང་། རོགས་སྐྱོབ་དངོས་རྫས་སྣ་སོ་སོའང་ཡོངས་སུ་གནད་ཐོག་ལ་སྐྱེལ་ཡོད་སྟབས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཡོད་པར་བྱས་ཡོད། 

  他和工作队每次冒着严寒、顶着压力、扛起责任、忍着疾病,大年三十依旧奔波在条件最艰苦的查旦乡开展抗灾救灾、抢通道路、送救灾物资,慰问困难群众,接送危重病人,分配牲畜饲料,还要每天及时向上级汇报查旦灾情。他能够按照县委、县政府的工作要求,以实事求是的工作态度,在时间上力争跑赢每一轮降雪过程,在进度上力争与道路保通工作同步进行。他与工作队开始了半个多月连续“作战”的生活。目前,查旦乡的乡村道路基本打通,各类救灾物资全部到位,灾区老百姓的生活有了保障。



 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网