首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 本县新闻
山高风大路难行 七匹“郎”马背驮真情
来源:    时间:2019年02月18日    

    ཨ་སྟོད་ཡུལ་ཚོ་སྤྱི་ནེ་སྡེ་བའི་རུ་ཁག་གསུམ་པའི་པ་ཆིན་ལུང་བའི་མཚམས་ཀྱི་གཞུང་ལམ་གྱི་ས་བབས་མཐོ་ཚད་མཚོ་ངོས་ལས་རྨིད་སྟོང་བཞི་དང་ལྔ་བརྒྱ་ཙམ་ཡོད་ཅིང་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུ་ལྷག་ཡོད་ལ། ཡུལ་ཚོའི་ས་ཁོངས་སུ་ད་རག་བར་དུ་སྔར་བཞིན་འགྲིམ་འགྲུལ་ཤར་གཏོང་བྱེད་མ་ཐུབ་པའི་གཞུང་ལམ་ཞིག་ཡིན། དེར་མཚོན་ན་ས་མཐོ་ཞིང་རླུང་ཆེ་སྟབས་ཁེངས་ཐུག་པོ་བསོགས་ཡོད་པ་དང་། ཁེངས་ཀྱི་ཐུག་ཚད་ཕལ་ཆེར་ལིས་རྨིད་ཉེར་ལྔ་ཙམ་ལ་སླེབས་ཡོད་པས་འཕྲུལ་ཆས་གནས་དེར་བསྐྱོད་པར་ཡང་དཀའ་ཁག་ལྡན་པས་མིའི་ཤུགས་ལ་བརྟེན་ནས་འགྲིམ་འགྲུལ་གྱི་བཀག་རྐྱེན་སེལ་བཞིན་ཡོད་པས་བྱ་བའི་མྱུར་ཚད་ཧ་ཅང་དལ། སྡེ་བ་དང་མཁར་སྡེའི་ལས་བྱེད་ཀྱིས་གནས་དེ་རུ་ད་རུང་འབྲོག་ཁྱིམ་གཉིས་གནས་བསྡོད་བྱས་ཡོད་པའི་སྐོར་ནས་གནས་ཚུལ་སྙན་ཞུ་ཕུལ་བ་བརྒྱུད། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཚེ་སྲོག་གཙོ་བོར་འཛིན་པའི་འདུ་ཤེས་གཞིར་བཟུང་ནས་གང་མགྱོགས་སྒོས་བྱ་བར་བཀོད་སྒྲིག་གནང་ཞིང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་སྤུན་ཟླ་ཚེ་རིང་དང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡུལ་ཚོའི་ཡུལ་གཙོ་ཆོས་སྐྱོང་གཉིས་ཀྱིུས་རུ་དཔུང་གི་སྣེ་ཁྲིད་ནས་ཡུལ་དངོས་སུ་བསྐྱོད་ཅིང་ཡུལ་ཚོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བསོད་ནམས་འཇིགས་མེད། ཡུལ་གཙོ་གཞོན་པ་མངགས་གཏོང་ཁང་གི་མགོ་གཙོ་བཟོད་པ་བསམ་བརྟན་གཉིས་གོ་རིམ་ཡོངས་སུ་ཞུགས་པ་དང་། སྡེ་བ་དང་མཁར་སྡེའི་ལས་བྱེད་ཀྱིས་བྱ་བར་རོགས་འདེགས་གང་ལེགས་བྱས་འོག་ས་མཐོའི་གངས་ལྗོངས་སུ་རྟ་ཐོག་ནས་ཟས་འབྲུ་སྐྱེལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཞིག་བྱུང་།
    阿多乡吉乃村三社巴群沟路段海拔4500米,距离县城20多公里,是全乡境内迄今为止仅存为数不多的不通畅村社道路之一,此路段因山高风大导致积雪深厚,积雪深度约25厘米,机械无法进入,人工清雪保通工作进度十分缓慢。
经村社干部汇报,当前此路段仍有2户牧民居住后,阿多乡党委、政府秉承“生命至上”的理念,立即安排部署,充分发挥党员先锋模范作用,由乡党委书记文达才仁,乡党委副书记、乡长求军乃联合带队,乡纪委书记索南久美,副乡长、派出所长松巴桑丁全程参与,村社干部积极配合,上演了“高山雪地、马背运粮”的一幕真情。



    པ་ཆིན་ལུང་པའི་རླུང་ཤུགས་ཚད་རིམ་ལྔ་བའི་ཡས་མས་སུ་སླེབས་ཀྱང་ལས་སྒྲུབ་རུ་ཁག་གི་རུ་མིས་གྲང་རེག་དང་དྲགས་རླུང་གི་དཀའ་ཁག་གང་ལའང་མ་འཛེམས་པར་བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་སེམས་འདུན་ཡིད་ནས་མ་བརྗེད་པར་གངས་ལྗོངས་མཐོ་སྒང་དུ་ཟས་འབྲུ་སྐྱེལ་བའི་ལམ་ལ་ཆས་པ་དང་། རྟ་ཐོག་ཟོང་སྐྱེལ་རུ་ཁག་གིས་རང་བྱུང་གི་དཀའ་ཁག་གང་མང་ལ་གདོང་གཏད་ནས་དུས་ཡུན་དུས་ཚོད་བཞིའི་རིང་ལ་བསྐྱོད་མཐར། ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་ཙག་འགོག་ལྭ་བའི་རིགས་དང་སྲོག་སྐྱོབ་ཟས་འབྲུ འཚམས་འདྲི་མ་དངུལ་སོགས་འབྲོག་མི་ཀུན་མཁྱེན་དབང་རྒྱལ་དང་ཚེ་འཇིགས་ཁྱིམ་ཚང་གཉིས་ལ་འབྱོར་བར་བྱས།
    巴群沟时速风力5级左右,工作队顶着强风、冒着严寒、带着“群众利益无小事、全心全意为人民服务”的初心,踏上了高山雪地送粮草的路程。昔日马儿可以任意驰骋的疆域,当前因为气候条件恶劣,驮着御寒衣物以及“救命粮草”的马儿屡次停步不前,历经4小时的跋涉,终于于17日下午15时将御寒衣物、救命粮草以及慰问金送到了牧民更青昂加、才久家中。
    གནོད་ཐེབས་ཁྱིམ་ཚང་གཉིས་ཀྱིས་དུས་ཡུན་ཐུང་ངུའི་ནང་ཟས་གོས་ལ་སེམས་ཁུར་བྱེད་མི་དགོས་པ་དང་ཁོ་ཚོས་ཡང་ཡང་བཀའ་དྲིན་ཞུས། སྐབས་དེར་ད་གཟོད་ཁོ་ཚོ་ཕྱིར་ལོག་པའི་ལམ་ལ་ཆས་པ་དང་དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཞི་བཅུའི་སྟེང་བདེ་འཇགས་ངང་རྫོང་མཁར་དུ་འབྱོར། ཁོ་ཚོ་ལུས་ཐང་ཆད་ཡོད་རུང་ཟ་མ་ཟ་དུས་ཚེས་བཅོ་བརྒྱད་ཉིན་འབྲོག་དམངས་ཏང་ཡོན་དང་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་པ་བསྡུ་རུབ་བྱས་ཏེ། མཐའ་ཁུལ་མང་ཚོགས་ལ་རླངས་འཁོར་བསྐྱོད་མི་ཐུབ་རུང་འཕྲུལ་རྟ་བསྐྱོད་ཆོག་པའི་བདེ་འཇགས་ཀྱི་ལམ་བུ་ཞིག་བཏོད་རྒྱུ་ཡིན་པའི་སྐོར་ནས་གྲོས་ཐག་བཅད།
    看到两户牧民近日“衣食无忧”,伴着一声声“嘎真切”,工作队员又踏上了返程的道路。傍晚19:40分许工作队员平安抵达县城。工作队员虽是个个疲惫,但却无比心安,吃饭时不忘打趣说:他们今天是雪域上的七匹“郎”!并决定18日召集牧民党员及生态管护员队伍用人工铲雪来为周边居民打通一条生命线,即使不能保证汽车顺利通行,但一定要保证摩托车能正常通过。

 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网