首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 本县新闻
【直击雪情第一线】保人 保通 保畜,亚洲星光娱乐官网 正在着力推进三项重点工作
来源:    时间:2019年02月05日    

   རྫ་སྟོད་ལ་གངས་སྐྱོན་བྱུང་བའི་ཚུན་དུ་རྫ་སྟོད་རྫོང་གིས་མི་ལ་འགན་སྲུང་དང་འགྲིམ་འགྲུལ་ལ་འགན་སྲུང་།ཕྱུགས་ཟོག་ལ་འགན་སྲུང་བྱེད་པའི་རྨང་གཞིའི་རྩ་དོན་ལྟར་དུ་ཞིང་ཆེན་དང་ཁུལ་རིམ་པའི་བཀོད་སྒྲིག་དང་རང་རྫོང་གི་གནོད་འགོག་རྒུད་སྐྱོབ་བྱ་བའི་མྱུར་བསྟུན་འཆར་འགོད་ཀྱི་བྱེད་ཐབས་སྣ་སོ་སོ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང་།ནུས་ཤུགས་ཡོད་སྒུས་གནོད་ཐེབས་ས་ཁུལ་གྱི་གྱོང་གུད་ཀྱི་ཚད་གཞི་ཇེ་དམའ་རུ་བཏང་ཞིང་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་རྒུད་སྐྱོབ་བྱ་བ་སྣ་སོ་སོརསྐུལ་འདེད་བཏང་།ཉེ་ཆར་གནོད་པ་ཐེབས་པའི་ཚད་གཞི་དང་གནས་ཚུལ་དངོས་ལ་གཞིགས་ནས་ང་ཚོས་སྡེ་བ་བཅོ་བརྒྱད་གནོད་ཐེབས་ས་ཁུལ་གཙོ་ཤོས་སུ་བཞག་ནས་གཙོ་གནད་བྱ་བ་སྣ་གསུམ་ལ་སྐུལ་འདེད་གཏོང་བཞིན་ཡོད།གཙོ་ལམ་གསུམ་ནས་བསྐྱོད་ཐུབ་པར་འགན་སྲུང་བྱས་ཏེ་རྒུད་སྐྱོབ་ལམ་ཐིག་གསུམ་ནས་བགྲོད་ཐུབ་པར་བྱེད་དགོས་པ་མ་ཟད་གནོད་འགོག་ས་ཚུགས་གསུམ་འཛུགས་དགོས་པ་དང་།དེ་མིན་རྒྱལ་ལམ་345དང་ཞིང་ཆེན་གཞུང་ལམ་309།ཁུར་སྐོར་གཞུང་ལམ་བཅས་སུ་རླངས་འཁོར་གཏོང་ཐུབ་པར་བྱེད་དགོས་ལ།རྫོང་དང་ཡུལ་ཚོའི་འཕྲལ་རྒོལ་རུ་ཁག་རྩ་འཛུགས་བྱས་ཏེ་དུས་ཡུན་གསུམ་རིང་ཐབས་བརྒྱ་ཇུས་སྟོང་དང་ནུས་ཤུགས་ཡོད་སྒུས་རྫ་ཆེན་ཡུལ་ཚོ་སྲིད་གཞུང་ནས་རྔམ་ནག་སྡེ་བའི་གཞུང་ལམ་དང་།རྫ་ཆེན་ཡུལ་ཚོ་བརྒྱུད་པའི་ཨ་སྟོད་ཡུལ་ཚོའིཝ་ཕུག་སྡེ་བ་ནསདཀར་ནག་སུམ་མདོའི་གཞུང་ལམ།དཀར་ནག་སུམ་མདོ་ནས་སྨུག་གཞུང་ཡུལ་ཚོ་སྲིད་གཞུང་གི་གཞུང་ལམ་གྱི་དཀའ་ཁག་སེལ་ཐུབ་དགོས།སྨུག་གཞུང་ཡུལ་ཚོ་སྲིད་གཞུང་ཡོད་སའི་གནོད་འགོག་རྟེན་གཞི་དང་ཁྲ་འདམ་ཡུལ་ཚོ་སྲིད་གཞུང་ཡོད་སའི་གནོད་འགོག་རྟེན་གཞི།རྔམ་ནག་སྡེ་བའི་གནོད་འགོག་རྟེན་གཞི་བཅས་བཙུགས་ནས།གནོད་འགོག་རྟེན་གཞི་གསུམ་གནས་གཞི་རུ་གཏན་འཁེལ་བྱས་ཏེ་སྐྱེལ་འདྲེན་དང་གསོག་འཇོག་ཟ་འབྲུ་དང་ལྭ་བ།འབར་སྣུམ་དང་འབར་རྫས།གཟན་རྩྭ་སོགས་གཏོང་སྤྲོད་བྱེད་ས་བྱས་པ་མ་ཟད།ཉེ་འགྲམ་ས་ཁུལ་ལའང་གནོད་འགོག་རྒུད་སྐྱོབ་ཀྱི་ནུས་པ་ཐོན་བཞིན་ཡོད།
   杂多雪灾发生以来,我县按照“保人保通保畜”的基本原则,全面落实省州安排部署及我县抗灾救灾应急预案各项措施,全力以赴力争将灾害损失降至最低程度,有力有序地推进了各项救灾工作。当前,按照受灾程度,结合灾情发展,我们将18个村列为重点灾区,正在着力推进三项重点工作:“保通三条主干路,打通三条救灾线,设立三个抗灾点”,即保通345国道、309省道、环州公路;组织县乡村突击队想尽一切办法,拟用三天时间全力打通扎青乡政府至昂闹村道路、扎青乡经阿多乡瓦河村至嘎纳桑多道路、嘎纳桑多至莫云乡政府道路;设立莫云乡政府所在地抗灾基地、查旦乡政府所在地抗灾基地、昂闹村抗灾基地,以三个抗灾基地作为根据地,运送、储备、发放粮食、衣被、燃油、燃料、饲草料等,并向四周灾区辐射开展救灾救援工作。
    མི་སྣ་གཏན་འཁེལ་དང་ལས་འགན་གཏན་འཁེལ་བྱེད་པའི་རྩ་དོན་ལྟར་དུ་ང་ཚོས་ལས་འགན་དང་ལས་མི་བགོས་པའི་གནས་ཚུལ་གཤམ་གསལ་ལྟར།མི་སྣ་གཏན་འཁེལ་བྱས་པའི་ཐད་ནས་གཙོ་བོ་རོགས་སྐྱོར་དངོས་རྫས་གཏོང་སྤྲོད་བྱེད་མཁན་ཡིན་ཞིང་རྫོང་དཔོན་གཞོན་པ་བློ་མཐུན་མགོན་ཟླ་བས་འགན་ཁུར་ཡོད།ཉེ་ཆར་གནོད་ཐེབས་ནུས་ཞན་མང་ཚོགས་ཀྱི་མ་མཐའི་འཚོ་བའི་དགོས་མཁོར་དམིགས་པའི་སྐོར་ཐེངས་དང་པོའི་རོགས་སྐྱོར་དངོས་རྫས་ལ་སྲིང་བལ་གྱི་རས་གུར་བརྒྱ་དང་ལྔ་བཅུ་དང་ནས་ཏུན་བརྒྱ། འབྲས་ཏུན་ཉེར་གསུམ་དང་སྲིང་བལ་གྱི་རྐང་སྣམ་ཆ་ཚང་སྟོང་གཅིག་དང་བཞི་བརྒྱ་ལྔ་བཅུ།སྲིལ་བལ་གྱི་ལྭ་རིང་སྟོང་གཅིག་དང་བརྒྱ། སྲིལ་བལ་གྱི་ཉལ་ཐུལ་ཆ་ཚང་སྟོང་གཅིག་དང་བཞི་བརྒྱ་ལྔ་བཅུ།སྤུ་ལྡན་འཇུར་རྟ་ཆ་དགུ་བརྒྱ་དང་ལྔ་བཅུ།རྐང་སྣམ་སྤུ་མ་ཆ་ཚང་དྲུག་བརྒྱ་བཅས་ཡོད་པ་དང་།དེ་དག་ཐམས་ཅད་གནོད་ཐེབས་ཡུལ་ཚོ་དང་གྲོང་རྡལ་སོ་སོར་སྤྲད་པ་མ་ཟད།ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཚད་ངེས་ཅན་གྱི་རོགས་སྐྱོར་མ་དངུལ་གྲབས་གསོག་བྱས་པ་དང་།ད་ལོའི་ལོ་སྟོད་ལ་རྫ་སྟོད་རྫོང་གིས་རྫོང་ཡོངས་ཀྱི་མང་ཚོགས་ཁྲི་ལྔ་དང་སྟོང་བརྒྱད་ལ་བསམ་ཚོད་ལས་འདས་པའི་རྨས་སྐྱོན་གྱི་ཉེན་སྲུང་ཉོ་སྒྲུབ་བྱས་ཏེ་གངས་སྐྱོན་སོགས་ཀྱི་དབང་གིས་མི་སྣར་ཤི་རྨས་ཐེབས་པ་སོགས་ལ་ཉེན་སྲུང་གི་མ་དངུལ་རེག་ཐུབ་པར་བྱེད་རྒྱུ་རེད།
  按照定人定责的原则,我们做了以下分工和工作。
   保人:主要是救灾物资调拨发放,由副县长公达哇同志负责。目前,保障受灾弱势群体基本生活需求的首批应急救助物资:棉帐篷150顶、青稞100吨、大米23吨、棉衣裤1450套、棉大衣1100件、棉被褥1450套、毛皮鞋950双、绒衣裤600套,已全部发放到各灾区乡村。并在州政府支持下,筹集了一定数额的救灾资金。今年初,我县对全县5.8万牧民投入了意外伤害保险,因雪灾等导致人员意外伤亡等的,将及时得到保险赔付。
འགྲིམ་འགྲུལ་འགན་སྲུང་གི་ཐད་ནས་གཙོ་བོ་ནུས་ཤུགས་ཡོད་སྒུས་གནོད་འགོག་འཕྲུལ་ཆས་གཏོང་འདྲེན་བྱེད་རྒྱུ་དེ་ཡིན་ཞིང་རྫོང་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བློ་མཐུན་བཀྲ་ཤིས་ཕུན་ཚོགས་ཀྱིས་འགན་ཁུར་ནས་མཐུན་སྦྱོར་བཀོད་སྒྲིག་བྱེད་བཞིན་ཡོད།ཉེ་ཆེར་རང་རྫོང་གིས་དུས་སྔོན་དུ་ཁངས་འདེད་འཕྲུལ་ཆས་བཅུ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ཁྲོད་རྫ་ཆེན་ཡུལ་ཚོ་རུ་གསུམ་དང་ཁྲ་འདམ་ཡུལ་ཚོར་གཉིས།ཨ་སྟོད་ཡུལ་ཚོ་ལ་གཉིས།སྨུག་གཞུང་ཡུལ་ཚོ་ལ་གཅིག སྐྱིད་སྟོད་ཡུལ་ཚོ་ལ་གཅིགབྱ་ཕུག་ཐང་གྲོང་རྡལ་ལ་གཅིག་བཅས་ཡིན་པ་རེད།ཁུལ་སྲིད་གཞུང་གི་མཐུན་སྦྱོར་དང་ཞིང་ཆེན་འགྲིམ་འགྲུལ་ཐིན།ཁུལ་འགྲིམ་འགྲུལ་ཅུའུ་ཡིས་རྒྱབ་སྐྱོར་ཆེན་པོའི་འོག་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གསོ་སྐྱོང་སྡེ་ཁག་ནས་འཐེན་གཏོང་བྱས་པའི་འཕྲུལ་ཆས་དག་རྫ་སྟོད་ལ་སྐྱེལ་བའི་ལམ་དུ་ཡོད་པ་དང་།དེའི་ཁྲོད་འཕྲུལ་ཆས་བཞི་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ནངས་མོར་འབྱོར་བ་དང་།འཕྲུལ་ཆས་བཞི་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ཡས་མས་སུ་འབྱོར་རྒྱུ་ཡིན་ཞིང་འཕྲུལ་ཆས་བཅུ་གཅིག་མཛོ་རྒན་ར་བར་ལ་ཐོན་ཡོད་སྟབས་ཟླ་གཉིས་བའི་ཚེས་དྲུག་ཉིན་གྱི་ནངས་མོའི་དུས་ཚོད་ལྔ་ཡས་མས་སུ་འབྱོར་ངེས་པ་རེད།དུས་ཡུན་ཉིན་གསུམ་ནང་ཁངས་འདེད་འཕྲུལ་ཆས་ཆེ་གྲས་སོ་དགུ་ལ་སླེབས་ངེས་པ་དང་དེས་ཕལ་ཆེར་རྫོང་ཡོངས་ཀྱི་གཞུང་ལམ་གཙང་སེལ་བྱ་བའི་དགོས་མཁོ་བསྐང་ཐུབ་ངེས་རེད།
    保通:主要是全力调运抗灾机械,由县委常委、统战部部长扎西朋措同志负责协调安排。目前,我县前期已投入清雪保通作业机械10台,其中:扎青乡3台,查旦乡2台、阿多乡2台、莫云乡1台、结多乡1台、萨呼腾镇1台。经州政府协调,省交通厅、州交通局大力支持下,从全省公路养护部门抽调的机械在调运途中,其中:4台2月5日凌晨到达;4台预计2月5下午6点左右到达;11台已经到花石峡区域,2月6日凌晨五点左右到达。三日内,大型清雪机械将达到39台,基本能满足全县目前的道路清雪及保通工作。
    ཕྱུག་ཟོག་འགན་སྲུང་གི་ཐད་ནས་གཙོ་བོ་གནོད་འགོག་ཕྱུགས་སྐྱོང་གི་དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན།བགོ་བཤའ་བྱེད་པའི་ལས་ཀ་ཡིན་ཞིང་།ཉེ་ཆར་རྫོང་ཡོངས་ནས་སྤྱི་བསྡོམས་པའི་གཟན་རྩྭ་ཏུན་སྟོང་གསུམ་དང་ཆིག་བརྒྱ་ལྔ་བཅུ་གཏོང་འདྲེན་གཏོང་སྤྲོད་བྱས་ཡོད་པ་དང་།མང་ཚོགས་ནས་འདུས་པའི་མ་དངུལ་གྱིས་གཟན་རྩྭ་ཏུན་བཞི་བརྒྱ་དང་བཞི་བཅུ་གྲངས་ཆུང་གཅིག་བརྒྱད་ཉོ་སྒྲུབ་བྱས་ཡོད།ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་མཐུན་སྦྱོར་བྱས་པའི་སྐོར་ཐེངས་དང་པོའི་གཟན་རྩྭ་ཏུན་ལྔ་བརྒྱ་དང་བཅུ་གསུམ་གཏོང་འདྲེན་གྱི་ལམ་དུ་ཡོད་པ་དང་།དེ་མིན་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་བར་མཐུན་སྦྱོར་བྱས་པ་ལས་གཟན་རྩྭ་འབོར་ཆེན་ཉོ་སྒྲུབ་བྱེད་པའི་བྱ་བའི་གྲ་སྒྲིག་ཚགས་སུ་ཆུད་ཡོད་ལ། ཕྱུགས་ཟོག་གི་ཉེན་སྲུང་སྐྱིན་ཚབ་འཇལ་བའི་ཐོག་མའི་བྱ་བའི་ལས་མགོ་བསླངས་ཡོད་པ་དང་། དྲིལ་སྒྲོག་སྣེ་འདྲེན་བྱ་བར་ཤུགས་བསྣན་ནས་སྔ་མོ་ནས་ཕྱུགས་ཟོག་གི་བཤས་ཁོངས་གཏོང་འབོར་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་བར་བརྩོན་ལེན་བྱས། 
   保畜:主要是抗灾保畜物资采购调运及分配,目前全县已累计调运、发放3150吨饲草料,群众筹资购进440.18吨草料。与省农业农村厅对接,后续首批513吨饲草料正在调运。已经与省内企业对接,做好了大量购进饲草料的准备工作。牲畜保险赔付前期工作也已启动。加大了宣传引导,争取进一步提升牲畜出栏率。
    ལོ་སར་གནམ་གནང་གི་ཉིན་མོར་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་དང་རྫོང་གཙོ་སའོ་ཧི། རྫོང་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་ཕུན་ཚོགས།རྫོང་ཏང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཀྲ་ཤིས་དོན་འགྲུབ།རྫོང་གཙོ་གཞོན་པ་སྐར་མ་བསམ་འགྲུབ།རྫོང་གཙོ་གཞོན་པ་མགོན་ཟླ་བ་སོགས་རྫོང་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་གནོད་ཐེབས་ཡུལ་ཚོ་གཙོ་བོའི་ལས་བྱེད་དང་རྫ་སྟོད་རྫོང་གི་གཞུང་ལམ་ལས་བཟོ་བ།དེ་མིན་གནོད་ཐེབས་དབུལ་ཕོང་ཁྱིམ་ཚང་ཁ་ཤས་སུ་འཚམས་འདྲིར་བསྐྱོད་པ་དང་།གནོད་ཐེབས་དབུལ་ཕོང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ལ།ལས་བྱེད་དང་གཞུང་ལམ་ལས་བཟོ་བས་ལས་གནས་བརྟན་སྲུང་དང་བློ་སྤོབས་ཆེར་བསྐྱེད་སྒོས་རྫོང་ཡོངས་ཀྱི་གནོད་འགོག་རྒུད་སྐྱོབ་བྱ་བའི་ཐད་ཀྱི་མཇུག་མཐའི་རྒྱལ་ཁ་བརྩོན་ལེན་བྱེད་པར་འབད་པ་ལྷུར་ལེན་བྱེད་དགོས་པའི་སྐུལ་མ་གནང་།
   除夕当日,县委书记才旦周,县长索河,县委常委、统战部长扎西朋措,县委常委、政法委书记扎西东周,副县长尕玛桑周,副县长公达哇等县领导,带队对部分重灾乡干部、杂多公路段职工及部分受灾贫困户进行了看望慰问,深入了解受灾贫困户的生活状况,勉励干部和公路职工在岗奉献,勇于担当,实实在在地为全县全面取得抗灾救灾的最终胜利而不懈努力。
    ཉེ་ཆར།རང་རྫོང་གི་གནོད་འགོག་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་ཞིང་ཚགས་དམ་པའི་སྒོ་ནས་སྤེལ་བཞིན་ཡོད་ཡང་བསྟུད་མར་ས་ཁུལ་མང་ཆེ་ཤོས་སུ་ཁངས་བབས་སྟབས།ནུབ་རྒྱུད་ཀྱི་གནོད་ཐེབས་ཡུལ་ཚོ་མང་ཤོས་ཀྱི་གཞུང་ལམ་ཆད་པ་སོགས་ཀྱི་དབང་གིས་གནོད་པ་ཐེབས་ཚད་སྔར་ལས་ཇེ་ཆེར་འགྱུར་བཞིན་ཡོད་པ་དང་།རྫོང་ཡོངས་ནས་སྒོ་ཕྱུགས་ཤི་བའི་གྲངས་ཚད་སྟོང་གསུམ་དང་བདུན་བརྒྱ་རེ་བཞི་ལ་འཕར་ཡོད།སྡེ་བའི་ལས་བྱེད་པ་ཞིག་ལ་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བའི་ཁྲོད་རྨས་ལྕི་མོ་ཕོག་ཅིང་ཁའོ་རིམ་པའི་ལས་བྱེད་ཞིག་ལ་རྨས་ཆུང་ཆུང་ཕོགམང་ཚོགས་ཤིག་ལ་འཁྱགས་ཕྱིད་ཐེབས་པའི་རྨས་ཕོག་པའི་གནས་ཚུལ་བྱུང་ཞིང་ད་ལྟ་སྨན་བཅོས་བྱེད་པའི་སྒང་ཡིན།
  目前,我县抗灾救灾工作扎实有序,但由于持续大范围降雪,致使西部受灾乡村绝大部分道路完全中断等原因,受灾程度进一步加深。全县牲畜死亡数量已经上升到3764头只。出现1名村干部在抗灾中严重受伤,一名科级干部轻伤,1名牧民冻伤的情况,已及时安排治疗。

 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网