首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 本县新闻
求是杂志社原社长李捷一行莅临我县调研指导工作
来源:    时间:2018年08月03日    

ཟླ་བརྒྱད་པའི་ཚེས་གཉིས་ཉིན།  བདེན་འཚོལ་དུས་དེབ་རྩོམ་སྒྲིག་ཁང་གི་མགོ་གཙོ་ལིས་ཅེ་འཁོར་དང་བཅས་པས་རྫ་སྟོད་རྫོང་དུ་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་།ཡུལ་ཤུལ་ཁུལ་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་འམ་དྲུང་ཡིག་ཆེན་མོ་ཀྲང་ཞོད་ཅིན་དང་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ། རྫོང་དཔོན་སའོ་ཧི་སོགས་འབྲེལ་ཡོད་མགོ་ཁྲིད་ཀྱི་འགྲོ་རོགས་འོག་རྟོག་ཞིབ་བྱས། 

      8月2日,求是杂志社原社长李捷一行莅临我县调研指导工作。玉树州委常委、统战部长、秘书长张晓军,亚洲星光娱乐官网 委书记才旦周、县长索河等相关领导陪同调研。

དབྱར་ཟླ་བརྒྱད་པའི་རྫ་སྟོད་རྩྭ་ཐང་དུ་མེས་རྒྱལ་ལ་དྲིན་འཇལ་བའི་བརྩེ་བ་འཁྱིལ་ཡོད་ལ། རྟོག་ཞིབ་རུ་ཁག་གིས་མཐོ་སྒང་གི་དཀའ་ཁག་ལ་མ་འཛེམ་པར་སྔ་གཞུག་ཏུ་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་ཕྱི་རུག་ཤང་བསམ་གཞུང་སྡེ་བར་བསྐྱོད་ནས་སྐབས་སྔོན་མའི་དགའ་བ་གསུམ་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་ཁྲོད་ཞུགས་པའི་དགེ་སློབ་རྣམས་ལ་ལྟ་སྐོར་བྱས་པ་མ་ཟད། ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། 

      8月的杂多草原,满载深情厚谊的感恩之情,叙述感恩祖国的真挚情怀。调研组一行不畏艰辛,克服高寒,先后前往县第二民族中学、苏鲁乡山荣村,看望历届参加“三热爱”主题教育活动的在校师生,调研对口帮扶工作开展情况。


མགོ་གཙོ་ལིས་ཅེ་ཏག་ཏག་སློབ་གྲྭའི་ར་སྐོར་དུ་ཐོན་མ་ཐག་གནས་ཚུལ་ཐོས་པའི་སློབ་མས་ཡོངས་སུ་སྐོར་ཞིང་། ཁོ་ཚོས་མགོ་གཙོ་ལིས་ཅེ་ལ་སྐེ་དཀྲིས་དམར་པོ་བཏགས་ཤིང་ཁ་བཏགས་དཀར་པོ་ཕུལ་བ་མ་ཟད། མགོ་གཙོ་ལིས་ཅེ་ལ་ལག་འཇུས་བྱས་ཏེ་མ་གྲོས་རང་མཐུན་གྱིས་མཉམ་དུ་དགའ་བསུའི་གླུ་དབྱངས་བླངས། 

      在县第二民族中学,李捷同志刚步入学校,就被闻讯而来的学生们簇拥的里三层外三层,孩子们为李捷同志戴上红领巾,敬献上洁白的哈达,紧紧拉住李捷同志的手,亲切的喊着“李捷爷爷”,并依偎在他的身旁,不约而同的唱起了欢迎的歌谣。


དགེ་སློབ་རྣམས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་སྐབས་མགོ་གཙོ་ལིས་ཅེ་དང་དགེ་རྒན་རྣམས་ཀྱིས་སྐབས་སྔོན་མ་དག་གི་དགའ་བ་གསུམ་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་གྱི་དྲིལ་བསྒྲགས་བརྙན་ཐུང་ལ་ལྟ་ཞོར་བྱ་འགུལ་སྐབས་ཀྱི་བརྗེད་དཀའ་བའི་དོན་དག་སྐོར་ནས་ལབ་གླེང་བྱས། སློབ་མ་ཚོས་སྔ་གཞུག་བརྩད་ནས་གཏམ་བཤད་ཅིང་པེ་ཅིན་ལ་ཐེངས་གཅིག་བསྐྱོད་པ་ལས་མེས་རྒྱལ་གྱི་བརྩེ་བ་ཚེ་གང་ལ་བསྐྱེད་ཅེས་པ་དང་བདེན་འཚོལ་དུས་དེབ་ཀྱི་བཀའ་དྲིན་ཚོར་བ། མེས་རྒྱལ་ལ་དགའ་ཞིང་སློབ་སྦྱོང་བཟང་བོ་བྱེད་པ་སོགས་ཆེས་སྤྱིར་བཏང་གི་སྐད་ཆའི་ལམ་དང་ལྷག་བསམ་རྣམ་དག་གིས་ བདེན་འཚོལ་རྩོམ་སྒྲིག་ཁང་དང་མགོ་གཙོ་ལིས་ཅེ་ལ་བཀའ་དྲིན་ཡང་ཡང་ཞུས་པ་མ་ཟད། ཡང་དང་བསྐྱར་དུ་ཨ་མྱེས་ལིས་ཅེ་ཡིས་ཁོ་ཚོའི་བཀའ་དྲིན་བདེན་འཚོལ་རྩོམ་སྒྲིག་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱི་ཨ་ནེ་ཨ་ཁུ་དང་གཅེན་པོ་གཅེན་མོ་རྣམས་ལ་འཕྲོད་པར་འཇུག་དགོས་པའི་རེ་བ་བཏོན་པ་དང་། མགོ་གཙོ་ལིས་ཅེ་ཡིས་ཀྱང་སློབ་མ་ཚོར་ཁོང་རང་གིས་སློབ་སྦྱོང་སྐབས་ཀྱི་མྱོང་བ་དང་འདས་དོན་སྐོར་གླེང་བ་མ་ཟད་ཁོ་ཚོར་རིག་གནས་ཡོན་ཏན་སྦྱོང་དགོས་པའི་ཁ་ཏ་སློབ་གསོ་གནང་བ་དང་།  སློབ་སྦྱོང་ལ་འབད་པ་བྱས་ཏེ་རང་ཉིད་ལ་ཕུགས་འདུན་ལེགས་པོ་ཞིག་སྐྲུན་དགོས་པ་མ་ཟད། དྲིན་ཚོར་དགོས་ཤིང་རང་ཉིད་གཅེས་སྐྱོང་གནང་མཁན་གྱི་ཕ་མ་དང་ཕ་ཡུལ་ལ་དྲིན་ལན་འཇལ་དགོས་པ་དང་།  ང་ཚོ་གསོ་སྐྱོང་གནང་མཁན་གྱི་རང་རེའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཡོད་དགོས་ཤིང་ཏང་དང་མེས་རྒྱལ། སྤྱི་ཚོགས་རིང་ལུགས་ལ་ཕན་ཐོག་པའི་འཇིན་མི་ཞིག་བཅའ་དགོས་པར་བསྟན། 

      在和师生们一起座谈时,李捷同志和师生们边观看历届“三热爱”主题教育活动宣传片,边和师生们共话活动中点点滴滴的难忘瞬间,师生们争先恐后的发言,用“一次北京行、一生祖国情”、“感恩求是”、“热爱国家,好好学习”、“您辛苦了”等朴实无华的词,向求是杂志社和李捷同志表达了发自肺腑的感激之情,并再三恳请李捷同志将他们的感激之情带给求是杂志社及相关单位的每一位叔叔阿姨、哥哥姐姐们。李捷同志也深情地向学生们讲起了自己求学的往事,并殷切的嘱托他们要有文化,努力学习本领,要有志向,给自己树立一个远大的志向,要懂得感恩,回报养育自己的父母和故乡,要热爱培养我们的党和国家,成为对党对祖国对社会主义有用的人才。

ཁ་གྱེས་དུས་སློབ་གྲོགས་ཚོས་རང་རང་སོ་སོས་ལས་པའི་ལག་ཤེས་དངོས་རྫས་ཀྱི་དྲན་རྟེན་འཁྱེར་ཡོང་སྟེ་མགོ་གཙོ་ལིས་ཅེ་ལ་ཕུལ་བ་དང་། མགོ་གཙོ་ལིས་ཅེ་ཡིས་ཀྱང་སློབ་གྲོགས་རེ་རེར་འབྲི་དེབ་རེ་དང་ལྕགས་སྨྱུག་རེ་གནང་བ་མ་ཟད། ཁོ་ཚོ་རེ་རེར་མིང་རྟགས་བཀོད་ཅིང་མཉམ་པར་བླངས་བ་དང་། ཁོ་ཚོའི་ཁྱིམ་མི་གང་བོ་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས།

      临别前,同学们纷纷拿出连夜赶做的手工纪念品,赠给李捷同志。细心的李捷同志给每名同学回赠了一个笔记本和一支钢笔,逐一为他们签名、合影留念,并祝福他们和家人幸福。

ཕྱི་རུག་ཤང་བསམ་གཞུང་སྡེ་བ་རུ་མགོ་གཙོ་ལིས་ཅེ་འཁོར་དང་བཅས་པས་བསམ་གཞུང་སྡེ་བའི་ཏང་ཀྲི་པུའི་བྱ་འགུལ་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་དུ་ཡུལ་དངོས་ནས་རྟོག་ཞིབ་གནང་ཞིང་། ཤང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་སྡེ་སྡོད་ཧྲུའུ་ཅི་དང་པོའི་བྱ་བའི་སྙན་ཞུ་ལ་ཉན་པ་སོགས་ཀྱིས་བྱེད་ཐབས་ལ་བརྟེན་ནས། བསམ་གཞུང་སྡེ་བའི་བྱ་བ་སྣ་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད་ཁོ་ཚོའི་བྱ་བ་སྒྲུབ་པར་གདེངས་འཇོག་གནང་། ཁོང་གིས་བསྟན་དོན། ལས་བྱེད་ཡོངས་ཀྱིས་མུ་མཐུད་དུ་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བཏང་ནས་གནས་ཡོད་གནས་ཚུལ་ལ་རྐང་ཚུགས་སྟེ་མ་འོངས་པར་ཁ་ཕྱོགས་དགོས་པ་དང་། ལྷད་མེད་པའི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློའི་འདུ་ཤེས་ཀྱིས་བྱ་བ་སྣ་སོ་སོ་ལེགས་པོར་སྒྲུབ་དགོས། རྗེས་ཕྱོགས་བདེན་འཚོལ་དུས་དེབ་རྩོམ་སྒྲིག་ཁང་གིས་ཀྱང་སྔར་བཞིན་རྫ་སྟོད་ཀྱི་རོགས་སྐྱོར་ཤུགས་ཚད་ཆེར་བསྐྱེད་ངེས་པས་རྫ་སྟོད་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་འཁྱོངས་ཐུབ་པར་ཡིད་ཆེས་ཡོད་པར་བསྟན།

      在苏鲁乡山荣村,李捷同志一行通过实地查看山荣村党支部活动室,村卫生院,认真听取乡党委、政府主要领导和驻村第一书记的工作汇报等方式,详细了解了山荣村各项工作开展情况,并给予了较好的肯定,他指出:所有工作人员要继续发扬“愚公移山”的高原精神,要立足实际,着眼未来,树立“绿水青山、就是金山银山”的理念,认真开展好各项工作,今后求是杂志社也会一如既往的心系杂多,加大帮扶工作力度,相信杂多的明天会更加美好。


རྗེས་སུ་མགོ་གཙོ་ལིས་ཅེ་ཆེད་དུ་བསམ་གཞུང་སྡེ་བའི་དབུལ་ཕོང་ཁྱིམ་ཚང་བཀྲ་ཤིས་དབང་ཚེ་ཚང་ལ་སོང་སྟེ་རྒན་པོ་བཀྲ་ཤིས་དབང་ཚེ་ལ་ཁ་ཏ་བྱས་ཏེ་ཁྱིམ་མི་གང་བོའི་ཐོན་བསྐྱེད་འཚོ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་མ་ཟད། ཁོ་ཚོར་ཇ་དང་ཕྱེ་སོགས་འཚམས་འདྲིའི་དངོས་རྫས་གནང་ནས་ཁོ་ཚོར་འཚོ་བར་ཡིད་ཆེས་ཡོད་པའི་སྒོ་ནས་རང་སྟོབས་ཆེར་སྤེལ་དང་ཡར་ཐོན་སྤྲོ་དགའི་རྣམ་པས་འཚོ་བར་གདོང་གཏད་ནས། རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་སྐྲུན་སྟེ་རང་གི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་གནང་བ་དང་། བདེན་འཚོལ་རྩོམ་སྒྲིག་ཁང་དང་མགོ་གཙོ་ལིས་ཅེ་ཡི་ཐུགས་ཁུར་རོགས་སྐྱོར་ལ་རོགས་སྐྱོར་ཐེབས་པའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་མང་པོས་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཡང་ཡང་ཞུས།

         之后,李捷同志特意来到山荣村贫困户尕高家中,与尕高老人深切交谈、拉起家常,了解了一家人的生产生活情况,并向他们送上了茶、面等慰问品,鼓励他们要鼓足勇气、坚定信心,自强自立,以积极乐观的心态去面对生活,用自己的勤劳开创属于自己的一片天空,对于来自求是杂志社及李捷同志的关怀,受助贫困家庭表示深受感动,他用最朴实的语言表达了他们的感激之情。





 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网