首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 图片新闻
三江源国家公园管理局组织召开“昂赛大峡谷自然体验特许经营试点工作方案”座谈会及方案审查会
来源:    时间:2019年03月26日    

2019ལོའི་ཟླ་3ཚེས་22ཉིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་ཉམས་ལེན་གཉེར་སྐྱོང་ཚོད་ལྟའི་ལས་དོན་ཇུས་གཞིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལས་རིགས་ནང་ཁུལ་གྱི་བསླབ་པ་རྒན་གྲས་རིགས་དང་ཆེད་མཁས་པ། ཞིང་ཆེན་སྐྱེ་ཁམས་ཁོར་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། རྫ་སྟོད་རྫོང་སྲིད་གཞུང་། ས་གནས་མཁར་སྡེའི་འཐུས་མི་བཅས་དང་དེ་བཞིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ལས་གྲུབ་པའི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྣམ་སྲས་རང་བྱུང་ཉམས་ལེན་རྣམ་གྲངས་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྣམ་སྲས་སྣོད་བཅུད་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་རྣམ་གྲངས་བཅས་དམིགས་བསལ་གཉེར་སྐྱོང་ཇུས་གཞི་གཉིས་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ཞིབ་བཤེར་བསམ་འཆར་ཡང་གྲུབ་པ་རེད།

  2019年3月22日,三江源国家公园管理局组织召开“昂赛大峡谷自然体验特许经营试点工作方案”座谈会。由业内资深专家和省生态环境厅、省自然资源厅、省文化旅游厅、亚洲星光娱乐官网 政府和当地社区代表及三江源国家公园管理局有关部门负责同志组成的审查委员会,对《昂赛自然体验项目》和《三江源国家公园昂赛生态体验和环境教育项目》两个特许经营方案进行审查,并形成了审查意见。


ཚོགས་འདུ་མ་འཚོག་གོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་གསའ་གཟིག་ལྟ་ཞིབ་ཀྱི་མཉམ་ལས་ཁང་དང་པེ་ཅིང་ཁྲོན་ཡོན་རང་བྱུང་ཕྱི་རོལ་ལུས་རྩལ་ཚད་ཡོད་ཀུང་སིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་དམིགས་བསལ་ཆོག་མཆན་གྱི་གཉེར་སྐྱོང་རེ་ཞུ་ཕུལ་བ་དང་། ཅུའུ་ཏང་ཨུའི་ཧྲུའུ་ཅི་ཅུས་ཀྲང་བློ་མཐུན་ལི་ཞའོ་ནན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཚབ་ཞུས་ནས་རེ་ཞུ་དང་ལེན་བྱས་པ་རེད། རྣམ་སྲས་གྲོག་རོང་ཆེ་མོའི་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་ལས་དོན་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་ཐོག་མ་དེ་ཡིན་པ་དང་། སྣོད་བཅུད་སྲུང་སྐྱོང་བྱ་ཐབས་གལ་ཆེན་ཞིག་རེད། དམིགས་བསལ་གཉེར་སྐྱོང་བྱེད་སྒོ་སྤེལ་བ་བརྒྱུད་རང་བྱུང་ཐོན་ཁུངས་ཐད་ཀར་སྤྱོད་ཚད་ཉུང་དུ་ཕྱིན་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཡོད། དབུལ་ཐར་མཁྲེགས་གཏོར་དང་། མཁར་སྡེ་འཕེལ་རྒྱས། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེ་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས་ངེས་པར་དུ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་ཡག་པོ་འདོན་དགོས་པར་ནན་གྱིས་བསྟན།

  会前,昂赛乡年都村“雪豹观察”合作社和北京川源自然户外运动有限公司向三江源国家公园管理局递交了特许经营申请,局党委书记、局长李晓南同志代表三江源国家公园管理局接收申请,并强调昂赛大峡谷自然体验特许经营试点工作是三江源国家公园首个生态体验特许经营试点,是一项重要的生态保护措施,通过开展特许经营活动,可以减少对自然资源的直接利用,提高农牧民收入,在脱贫攻坚、社区发展和落实更加严格的生态保护方面具有重要意义,一定要做好带头示范作用。


བཞུགས་མོལ་ཚོགས་འདུའི་ཐོག ཅུས་ཀྲང་གཞོན་པ་ཐེན་ཅུན་ལིང་གིས་རྣམ་སྲས་ལ་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ཐུན་མོང་མ་ཡིན་པའི་གདོད་མའི་རང་བྱུང་ཁོར་ཡུག་གི་རིན་ཐང་ལྡན་ཡོད། དེ་གའི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་དིམ་བསགས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་གླིང་ཁུལ་དོ་དམ་གྱི་ལྟེ་བ་དང་དམིགས་བསལ་གཉེར་སྐྱོང་ལམ་ལུགས་ནི་དོ་དམ་གྱི་དམིགས་ཚད་དེ་དག་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞིའི་གཞི་རྩའི་འགན་དབང་ཞིག་རེད། རྣམ་སྲས་གྲོག་རོང་ཆེན་མོའི་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་ལས་དོན་ནི་དམངས་ཡོངས་ཀྱིས་མཉམ་སྤྱོད་དང་། གླིང་ཁུལ་གྱི་དེ་སྔའི་སྡོད་དམངས་ཀྱི་དམངས་ཚིས་ལེགས་བཅོས་དོ་དམ་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། དམིགས་བསལ་གཉེར་སྐྱོང་ཚོད་ལྟ་དེ་གཉིས་ལ་དཔེ་སྟོན་བྱས་ནས་ལམ་ལུགས་དེ་དོན་འཁྱོལ་བྱ་རྒྱུར་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས།

  座谈会上,田俊量副局长强调,昂赛拥有中国和全球都十分独特的原生自然环境价值,保护和传承这里丰富的自然景观和文化沉积,是三江源国家公园澜沧江源园区管理的核心,特许经营制度是实现这些管理目标的重要途径,是国家公园管理机构的基本权责。昂赛大峡谷自然体验特许经营试点工作是实现全民共享和园区原住民民生改善管理目标的重要环节,也是国有资产管理的具体体现,这两个特许经营试点要建立示范,有力推动这一制度的落实。

ཞིབ་བཤེར་ཚོགས་འདུ་གྲོལ་རྗེས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་། གཉེར་སྐྱོང་མཁན། རྫ་སྟོད་རྫོང་སྲིད་གཞུང་བཅས་ཀྱིས་ཞིབ་བཤེར་བསམ་འཆར་གྱི་མཆན་འགོད་བཀའ་ལན་གཞིར་བཟུང་ཕྱོགས་གསུམ་པོས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གན་རྒྱར་མིང་རྟགས་བཀོད་དེ་ཚོད་ལྟའི་བརྒྱུད་རིམ་ནང་དོ་དམ་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་དཔག་ཚོད་ལྟའི་བྱ་བའི་ཕན་འབྲས་ལ་འགན་སྲུང་བྱ་རྒྱུ་རེད། 

  审查会后,三江源国家公园管理局、经营主体和亚洲星光娱乐官网 政府将根据审查意见的批复,三方签署特许经营合同,在试点过程中强化管理、监测、评估,确保预期试点绩效。 



 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网