首 页 金宝搏188官方网站 领导之窗 组织机构 新闻聚焦 政务公开 亚洲城游戏娱乐官网 专题专栏
 
您的位置:首页 > 新闻聚焦 > 图片新闻
深入基层察民情 走进灾区暖民心
来源:    时间:2019年02月21日    

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན།  མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཧན་ཡུང་ཏུང་དང་ཁུལ་སྲིད་གཞུང་གི་ཁུལ་གཙོ་ཚེ་ཡུས་འཁོར་དང་བཅས་པ་རྫ་སྟོད་རྫོང་གི་གནོད་ཐེབས་ས་ཁུལ་གཙོ་ཤོས་སུ་བསྐྱོད་ནས་ཡུལ་དངོས་ནས་ཁངས་སྐྱོན་འགོག་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་བ་དང་།  ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་སོགས་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཉམ་དུ་རྟོག་ཞིབ་གནང་།

  2月18日,省民政厅副厅长韩永东、州政府副州长才玉一行深入我县重度灾区一线,实地调研指导抗雪救灾工作。州级相关单位负责人、县委书记才旦周等有关领导陪同调研。


ཐིན་ཀྲང་གཞོན་པ་ཧན་ཡུང་ཏུང་འཁོར་དང་བཅས་པས་ཙག་རླུང་སོགས་ས་མཐོའི་དཀའ་ཁག་གང་ལའང་མ་འཛེམས་པར་རྫ་སྟོད་རྫོང་གི་གནོད་ཐེབས་ས་ཁུལ་གཙོ་ཤོས་སུ་གཏོགས་པའི་རྫ་ཆེན་ཡུལ་ཚོར་བསྐྱོད་དེ་ཡུལ་དངོས་ནས་གནོད་ཐེབས་གནས་ཚུལ་ལ་ལྟ་ཞིབ་གནང་བ་མ་ཟད་ཡུལ་དངོས་ནས་གནོད་ཐེབས་མང་ཚོགས་བར་བརྩེ་སེམས་འཁོལ་བའི་ངང་གླེང་མོལ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་མིག་སྔའི་ཐོན་སྐྱེད་འཚོ་བའི་སྐོར་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁྱིམ་དུ་མི་ག་ཚོད་ཡོད་པ་དང་ཕྱུགས་ཟོག་ག་ཚོད་ཡོད་པ། གནོད་པ་ཐེབས་ཚད་ག་འདྲ་ཡིན་པ་དང་ཟས་འབྲུ་དང་འབར་རྫས།  གཟན་རྩྭ་སོགས་གྲ་སྒྲིག་བྱས་ཚུལ་ཅི་འདྲ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིབ་མོར་དྲིས་ལ།འབྲོག་ཁྱིམ་རྡོ་ཚེ་ཚང་གི་ནོར་གནག་ཉེར་བདུན་ཁངས་སྐྱོན་གྱི་དབང་གིས་ཤི་བའི་གནས་ཚུལ་རྟོག་རྗེས། ཐིན་ཀྲང་གཞོན་པ་ཧན་ཡུང་ཏུང་གིས་ཁོ་ཚོར་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དགོས་པ་དང་ཡིད་ཆེས་བརྟན་པོས་དཀའ་ཁག་ལས་རྣམ་པར་བརྒལ་བར་བྱས་ཏེ་ནུས་ཤུགས་གང་ཡོད་རྒུས་གྱོང་གུད་ཀྱི་ཚད་ཇེ་ཆུང་དུ་གཏོང་དགོས་པའི་སྐུལ་མ་བཏང་། 

  韩永东副厅长一行到杂多马不停蹄,顶着严寒,冒着风雪,沿着冰雪覆盖湿滑道路赶赴亚洲星光娱乐官网 重灾区扎青乡实地察看受灾情况,深入一线与灾民亲切交谈,详细了解掌握群众目前的生产生活状况,询问他们家中有几口人,牲畜有多少,受雪灾影响大不大,口粮、燃料、饲草料储备得怎么样。当得知受灾牧户多才家牦牛因灾死去了27头,韩永东副厅长勉励他要相信党和政府,坚定信心,鼓足战胜困难的勇气,生产自救,尽力将损失降到最小。


རྫ་སྟོད་རྫོང་གིས་ཁངས་འགོག་རྒུད་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་དང་གནོད་ཐེབས་ཁྱིམ་ཚང་གི་གྲངས་ཚད། གནོད་ཐེབས་མང་ཚོགས་ཀྱི་གྲངས་ཚད་དང་ཕྱུགས་ཟོག་གི་ཤི་ཚད་སོགས་གནོད་ཐེབས་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་རྗེས།  ཐིན་ཀྲང་གཞོན་པ་ཧན་ཡུང་ཏུང་གིས་རྫ་སྟོད་རྫོང་གིས་སྤེལ་བའི་གནོད་འགོག་རྒུད་སྐྱོབ་བྱ་བའི་བྱེད་ཐབས་ལ་ཤུགས་ལྡན་ཞིང་ཕན་འབྲས་མངོན་གསལ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་པའི་སྐོར་ལ་གདེངས་འཇོག་ཚད་མཐོན་པོ་གནང་། ཁོས་བསྟན་དོན།  ཕྱུགས་ཟོག་གི་གཟན་རྩྭ་སྐྱེལ་འདྲེན་བཀོད་གཏོང་དང་ཟས་འབྲུ་གསོག་འཇོག་  འགྲིམ་འགྲུལ་གྱི་བཀག་རྐྱེན་སེལ་བ་ནི་ད་ལྟའི་ཁངས་སྐྱོན་འགོག་པའི་བྱ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་གནོད་ཐེབས་གནས་ཚུལ་དཔྱད་ཞིབ་བྱས་ཏེ་བྱ་བར་གདེངས་ཚོད་ཡོད་པར་བྱས་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བྱེད་ཐབས་སྣ་སོ་སོ་དོན་ཐོག་ལ་འཁྱོལ་བར་ཁག་ཐེག་བྱེད་དགོས། གནོད་ཐེབས་ས་ཁུལ་གཙོ་ཤོས་སུ་སྦྲེལ་བའི་རོགས་སྐྱོབ་དངོས་ཟོག་སྐྱེལ་འདྲེན་གཞུང་ལམ་གྱི་བཀག་རྐྱེན་སེལ་བའི་བྱ་བ་དེ་ལས་འགན་གལ་ཆེན་དུ་བཟུང་ཏེ། རོགས་སྐྱོབ་དངོས་ཟོག་སྣ་སོ་སོའི་སྐྱེལ་འདྲེན་དང་བཀོད་གཏོང་། སྤྲོད་གཏོང་གི་བྱ་བ་ཚགས་དམ་པོའི་སྒོ་ནས་ལེགས་པོར་སྒྲུབ་དགོས་ཤིང་།  ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས་ཆ་བསྙོམས་རིང་ལུགས་དང་དཀྲུགས་ཤིང་འཕེན་པའི་བྱ་བ་མི་སྒྲུབ་པར་ངེས་པ་དོན་གྱིས་རོགས་སྐྱོབ་དངོས་ཟོག་སྣ་སོ་སོ་གནད་ཐོག་ལ་བཀོལ་དགོས་ཤིང་མཁོ་གལ་ཆེ་སའི་གནོད་ཐེབས་མང་ཚོགས་ཀྱི་སྟེང་དུ་གཏོང་དགོས། 

  在详细听取了我县抗雪救灾工作开展情况、雪灾受灾户数、受灾人数以及牲畜的死亡数等灾情后,韩永东副厅长对我县抗雪救灾措施有力、成果明显,确保人民群众生命财产安全表示充分肯定。他指出,饲草料转运、口粮储备和道路保通是目前抗雪救灾工作的重中之重,要进一步查灾核灾,充分掌握灾情,确保各项救灾措施落实到位。要把打通向灾区一线运输物资道路作为首要任务,扎实做好各类救灾物资的调运、转送、发放,要提高政治站位,不搞平均主义,不撒胡椒面,切实把各类救灾物资用实、用好、用到点子上,用到最需要救灾救济的受灾群众上。



ཐིན་ཀྲང་གཞོན་པ་ཧན་ཡུང་ཏུང་གིས་ནན་གྱིས་བསྟན་དོན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཏང་ཨུ་དང་སྲིད་གཞུང་གི་གནོད་འགོག་རྒུད་སྐྱོབ་བྱ་བའི་བཀོད་སྒྲིག་ལག་ལེན་མཐའ་འཁྱོལ་བྱས་ཏེ། རྫ་སྟོད་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་མཐུན་པའི་མི་དང་འགྲིམ་འགྲུལ། ཕྱུགས་ཟོག་བཅས་ལ་འགན་སྲུང་བྱེད་པའི་ཁངས་འགོག་རྒུད་སྐྱོབ་ཀྱི་བྱེད་ཐབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཟུང་ཏེ་ནུས་པ་ཡོད་རྒུས་མང་ཚོགས་ཀྱི་གྱོང་གུད་ཚད་གཞི་ཇེ་དམའ་རུ་གཏོང་དགོས་པ་དང་།  ནང་སྒོས་སུ་ནུས་ཞན་མང་ཚོགས་ལ་དོ་ཁུར་གནང་ནས་གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་ཀྱི་མ་མཐའི་འཚོ་བའི་དགོས་མཁོར་འགན་སྲུང་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ངང་འཚོ་བ་རོལ་བར་ཁག་ཐེག་བྱེད་དགོས། ཧུར་ཐག་སྒོས་གནོད་ཐེབས་མང་ཚོགས་ཐབས་ཇུས་འཐེན་རོགས་དང་ཕན་ཚུན་ལ་རོགས་རེམ་བྱེད་པར་སྣེ་ཁྲིད་ནས་དཀའ་ཁག་ལས་རྣམ་པར་བརྒལ་ནས་གང་མགྱོགས་སྒོས་ཐོན་སྐྱེད་སླར་གསོ་བྱེད་དགོས།

  韩永东副厅长强调,要坚决落实好省委省政府、州委州政府的抗灾救灾工作部署,继续坚持探索出的符合杂多实际的“保人、保通、保畜”抗雪救灾措施和方法,始终要把人民群众生命财产安全放在最高位置,要尽最大的努力把群众的损失降到最低程度。要特别关注弱势群体,保障灾民临时基本生活需要,确保灾民安全生活。要积极帮助灾民找法子,想出路,引导群众互帮互助,克服困难,尽快恢复生产。



 
Copyright 2013 www.bogusopus.com
All Rights Reserved
版权所有:亚洲城游戏娱乐官网 网